About Me

18th U-Tsang Chithue Candidate
Preserve Charter, Strengthen Unity, Uphold Truth
Vote for Truth
Let’s talk with me.
(20+) Facebook
I Remain Committed to Serve Community
Utilising my Traditional Scholarship and Modern Skills
for the Benefit of Our Society
གུས་པ་བྱང་ནག་ཆུ་ཨ་མདོ་རྫོང་གི་འབྲོག་ཁྱིམ་ཞིག་ཏུ་སྐྱེས། རང་ལོ་དགུའི་སྟེང་དུ། ཐང་དཀར་དགོན་ཕུན་ཚོགས་དར་རྒྱས་གླིང་དུ་སྒྲིག་ཞུགས་ཀྱིས་ཆོས་སྤྱོད་ཁག་དང་། མགོན་ཆོས་ལྷ་རྣམ། རྒྱུད་སྡེ་བཞི། བདག་མདུན་བུམ་གསུམ། དབང་ཆོག ། རང་དགོན་གྱི་འདོན་རྟ་དབྱངས་དང་། ཆོ་ག་ཕྱག་ལེན། འབུད་རྡུང་དཀྲོལ་གསུམ་གྱི་རིམ་པ་རྣམས་རྒྱུགས་མཐར་ཕྱིན་ཏེ། དགོན་པའི་དབུ་མཛད་ཆེན་མོའི་འགན་ཁུར་ཞུས། སྤྱི་ལོ་༡༩༩༨ ལོར་རྒྱ་མིའི་སུན་གཙེར་དང༌། དམ་བསྒྲགས་རྐྱེན་པས། རང་ལོ་ཉེར་གཉིས་ཀྱི་སྟེང་དུ་ཕ་ཡུལ་རྒྱབ་ཏུ་བསྐྱུར་ཏེ་ཧི་མ་ལ་ཡའི་རི་བོར་གྱེས་ཕྱག་ཕུལ།
སློབ་གཉེར་གྱི་བརྒྱུད་རིམ།
སྤྱི་ལོ་༡༩༩༨ལོར་སེར་བྱེས་ཧར་གདོང་ཁང་ཚན་དུ་སྒྲིག་ཞུགས་ཀྱིས་སློབ་གཉེར་གང་ནུས་བྱས་འབྲས་སུ་གྲྭ་ཚང་རིན་པོ་ཆེ་ནས་དབུ་ཕར་རབ་འབྱམས་དང་། མཛོད་རབས་འབྱམས་པ་སོགས་གཞུང་ཆེན་ཁག་ལེགས་མཐར་སོན་པའི་ཕྱག་ཁྱེར་ཡང་རིམ་པར་གསོལ་བསྩལ་བཀའ་དྲིན་ཐོབ། སྤྱི་ལོ་ ༢༠༢༢ ལོར་འདུས་པ་རྒྱ་མཚོའི་དབུས་སུ་དགེ་བཤེས་དམ་འཇོག་ཞུས་ཏེ། སྤྱི་ལོ་ ༢༠༢༣ ལོར་དཔལ་ལྡན་སྟོད་རྒྱུད་གྲྭ་ཚང་དུ་སྒྲིག་ཞུགས་བྱས་ནས་ལོ་གཅིག་གི་རིང་གསང་སྔགས་གཞུང་ཆེན་གྱི་ཆོས་ཐོག་འགྲིམས་པས་ལེགས་ཐོན་གྱི་ཕྱག་ཁྱེར་བཀའ་དྲིན་ཆེ་བསྩལ་བྱུང་། སླར་ཡང་སྤྱི་ལོ་ ༢༠༢༥ སྤྱི་ཟླ་ ༤ ནས་ཟླ་བ་དྲུག་གི་རིང་རང་རེའི་གྲྭ་ཚང་རིན་པོ་ཆེའི་གསང་སྔགས་འཛིན་གྲར་འགྲིམས་པ་བཅས་མདོར་ན་གྲྭ་ཚང་རིན་པོ་ཆེའི་གཞུང་ཆེན་སློབ་གཉེར་གྱི་རིམ་པ་ཁག་མཇུག་ཡོངས་སུ་ལེགས་པར་གྲུབ།
སློབ་གཉེར་ཞར་ཞོར་གང་ཡོད་ལ་སུམ་རྟགས་དག་གསུམ། སེམས་དང་སྲོག་གི་མཚན་རིག་འཛིན་གྲྭར་ལོ་གསུམ་དང་། སེར་བྱེས་དཔེ་མཛོད་ཀྱི་གོ་སྒྲིག་འོག་ལོ་གསུམ་རིང་དབྱིན་ཡིག་ཟུར་སྦྱོང་བྱས། སྦེང་ལོར་ Eptic Company སྡེ་ཚན་ཞིག་ནས་གློག་ཀླད་རྨང་གཞིའི་སྦྱོང་བརྡར་གྱི་ཕྱག་ཁྱེར་ཐོབ། དེ་བཞིན་བོད་མིའི་སྒྲིག་འཛུགས་མདུན་ལམ་སློབ་སྟོན་ཁང་གི་མཐུན་འགྱུར་འོག Adobe inDesign གྱི་སྟེང་དུ་སློབ་སྤྱོང་ཀྱི་ཕྱག་ཁྱེར་དང་། རྡ་ས་རིག་ལམ་སློབ་གཉེར་ཁང་གི་གློག་ཀླད་འཛིན་གྲྭར་ཞུགས་ཏེ་བརྙན་ཆས་ཁག་གཅིག་གི་སྟེང་དུ་ཟུར་སྦྱོང་དང་ལག་ཁྱེར་ཡང་ཐོབ་པ་སོགས་མདོར་ན་གློག་ཀླད་རྨང་གཞིའི་བཀོལ་སྤྱོད་ཐད་རང་སྐྱ་འཕེར་ངེས་ཀྱི་སློབ་སྦྱོང་བགོ་སྐལ་ཐོབ་པ་བྱུང་།
སློབ་གཉེར་རིང་གི་ལས་དོན།
སློབ་གཉེར་བྱེད་རིང་འོས་ཤོག་གི་ལམ་ནས་སེར་བྱེས་གྲོས་ཚོགས་ཀྱི་འཐུས་མི་སྐབས་གསུམ་སྟེ། ལོ་གྲངས་བཅུའི་རིང་གྲོས་ཚོགས་ཀྱི་འཐུས་མིའི་འགན་ཁུར་ཞུས། དེ་བཞིན་ཁང་ཚན་གྱི་རྒན་ལོ་གཅིག་དང་། ཁང་ཚན་འདུས་མང་གི་འོས་འཕེན་གྱི་ལམ་ནས་དབུ་མཛད་ལོ་གཉིས། སྤྱི་རྒན་ལོ་གསུམབཅས་ལྷག་བསམ་རྣམ་དག་གིས་འགན་ཁུར་ཞབས་ཞུ་ཞུས་པས་ཁུངས་སོ་སོ་ནས་ལས་དོན་གང་ལེགས་བྱུང་བའི་ངོས་འཛིན་ཐོབ།
སྤྱི་ཚོགས་ཞབས་ཞུ།
སྤྱི་ལོ་ ༢༠༢༢ ཟླ་བ་༡༠ ཚེས་ ༠༡ ཉིན་ང་ཚོ་མི་གསུམ་གྱིས་གཞི་རིམ་མི་མང་རེ་འབོད་ཚོགས་པ་ཐོག་མར་བཙུགས་ཏེ་སྤྱི་ཚེས་ ༧ ཉིན་དོན་ཚན་བཞིའི་སྟེང་ནས་ཁྲིམས་ཞིབ་ཁང་སླར་གསོ་དགོས་པའི་ཐད་གྲོས་ཚོགས་ལ་འབོད་བསྐུལ་གྱི་གསལ་བསྒྲགས་ཀྱང་ཞུས། དེ་བཞིན་མི་གྲངས་༥༧༠༠ སྐྱབས་བཅོལ་ལག་དེབ་གཞིར་བཞག་གིས་བསམ་ཚུལ་བསྡུ་རུབ་ཞུས་ཏེ་གྲོས་ཚོགས་སུ་ཕུལ།
དེ་ཡང་དོན་ཚན་བཞི་སྟེ།
དང་པོ། ཡིག་ཆ་ ༣༩ སླར་ཡང་གྲོས་ཚོགས་ཀྱི་ནང་དུ་འཁྱེར་ཡོང་མཁན་གྱི་སྤྱི་འཐུས་དེ་དག་བཟང་སྤྱོད་ཀྱི་ཐོག་ནས་དགོངས་པ་ཞུ་དགོས་པ་དང་།
གཉིས་པ། ཁྲིམས་ཞིབ་པ་ཆེ་བའི་འོས་ཆོས་ཀྱི་གཙོས་གྲོས་ཚོགས་ཀྱི་ཁྲིམས་སྒྲིག་ཁག་བསྐྱར་བཅོས་དུས་ཐོག་ཏུ་བྱ་དགོས་པ།
གསུམ་པ། སེར་སྐྱ་ཁྱད་མེད་ཀྱི་ཆོས་ལུགས་སྤྱི་འཐུས་འདེམས་པའི་ཐོབ་ཐང་འདྲ་མཉམ་དགོས་པ།
བཞི་པ། རྒྱུན་ལས་ཀྱི་ནང་དུ་ཆོས་བརྒྱུད་སྤྱི་འཐུས་རྒྱུན་ལས་ཀྱི་བརྒྱ་ཆ་ལ་དཔག་པའི་བསྐོ་གཞག་བྱ་དགོས་པའི་དགོས་འདུན་ཞུས་པ་བཅས་ཀྱི་ལོ་རྒྱུས་མདོར་བསྡུས་སུ། །
18th U-Tsang Chithue Candidate
༄༅༎དང་པོ་བོད་མི་མང་སྤྱི་འཐུས་སུ་ལངས་དགོས་པའི་དམིགས་ཡུལ།
ད་ལྟའི་བོད་མིའི་སྒྲིག་འཛུགས་ཀྱི་ཆབ་སྲིད་ཀྱི་བཞེངས་ཕྱོགས་ཏེ་དབུ་མའི་ལམ་གྱི་སྲིད་ཇུས་འདི་ཉིད་ཤར་སྐྱོད་ཐུབ་ཐབས་དང་། དོན་ཕན་ལྡན་པ་ཞིག་ཡོང་ཐབས་སུ་འབད་པ་བྱ་རྒྱུ་ཡིན།
What My Supporters
Says
རྒྱབ་སྐྱོར་བ་རྣམས་ཀྱི་གསུང་དོན།

དགེ་བཤེས་བློ་བཟང་བསམ་འགྲུབ་ནི་བླ་མ་དཀོན་མཆོག་གི་མི་དྲང་བདེན་ཞིག་ཡིན།
Geshe Lobsang Samdup is a person of Integrity and Sincerity
རྒྱབ་་སྐྱོར་གནང་རོགས།

དགེ་བཤེས་བློ་བཟང་བསམ་འགྲུབ་ནི་གཞི་རིམ་མི་མང་ཐོག་མར་འགོ་འཁྲིད་མཁན་དེ་ཡིན།
Geshe Lobsang Samdup was the first person leading the Call of General Public
འོས་འཕེན་རོགས

དགེ་བཤེས་བློ་བཟང་བསམ་འགྲུབ་ནི་དབུ་མའི་ལམ་ལ་ཤར་སྐྱོད་གནང་མཁན་དང་བཅའ་ཁྲིམས་སྲུང་སྐྱོབ་གནང་མཁན་གྱི་གང་ཟག་ཅིག་ཡིན།
He follows Middle way Policy and preserves the Charter
མཉམ་ཞུགས་གནང་རོགས།
Stay In Touch
དོགས་འདྲི་དང་བཀའ་འདྲི་རིགས་ཡོད་ན་སྒེར་ལ་འབྲེལ་བ་གནང་རོགས་ཞུ།